ཁྲིམས་ཡིག་ཚིག་ཐོ་LI02



མངའ་སྡེའི་སྤྱི་ཁྱབ་ལྷན་ཁང་།
ཆོག་མཆན་ཞུ་གཏུགས་གྲོས་ཆོད་ཀྱི་རྒྱུད་རིམ། 

མངའ་སྡེའི་སྤྱི་ཁྱབ་ལྷན་ཁང་ལ་བཅས་ཁྲིམས་གཞིར་བཟུང་འཚོ་ཐབས་འདྲ་མིན་གྱི་ཆོག་མཆན་དང་སྟངས་འཛིན་གྱི་དབང་ཚད་ཡོངས་སུ་ལྡན་ཡོད། དེ་དག་ནང་ས་ཁྱིམ་བར་ཚོང་རྒྱག་མཁན་དང་ཚོང་པ། སྒེར་གྱི་རྟགས་དཔྱད་བྱེད་མཁན་དང་བདེ་འཇག་སྲུང་མཁན་གྱི་ཁེ་ལས། སྐྲ་བཞར་མཁན་དང་
མཛེས་བཟོ་མཁན། མི་མང་གི་བཤེར་དཔང་། ཉེན་བརྡའི་གློག་ཆས་འཛུགས་མཁན། འོན་པའི་ཉན་ཆས་མཚོང་མཁན། དེ་བཞིན་ས་ཁྱིམ་རིན་ཐང་
གཏན་འབེབས་བྱེད་མཁན་སོགས་ཚུད་ཡོད།ཕྱི་སྲིད་ལས་ཁུངས་ཀྱིས་ཆོག་མཆན་སྤྲད་པའི་མི་དང་ཚོང་ལས་ཁག་གི་ངོས་ནས་མི་མང་ཡིད་ཆེས་
བྱེད་མི་རུང་བ་དང་གོ་ཆོད་མེད་པའི་མི་དང་ཚོང་ལས་ཁག་ལས་སྲུང་ཆེད་དུ་དམིགས་པའི་བཅས་ཁྲིམས་དང་སྒྲིག་སྲོལ་ཁག་འདྲ་མིན་སྲུང་བརྩི་བྱེད་
དགོས།  མངའ་སྡེའི་སྤྱི་ཁྱབ་ཁང་གི་ངོས་ནས་ཆོག་མཁན་ལག་འཛིན་ཡོད་པ་དང་མེད་མཁན་ཁག་ལ་ཞུ་གཏུགས་བྱེད་ཡོད་ན་བརྟག་དཔྱད་བྱས་པ་
དང། གཉན་འཇོག་གམ་བཀའ་འཁྲོལ་བརྒྱུད་ཆོག་མཆན་མེད་པ་བཟོས་པའམ་ཡང་ན་ཞུ་གཏུགས་རིགས་ཁྲིམས་དོན་སྤྱི་ཁྱབ་པར་སྤྱི་དམངས་ཡང་ན་
ཁྲིམས་འགལ་མིང་ཐོག་ནས་རྩིས་སྤྲོད་བྱེད་སྲིད།


ཞུ་གཏུགས།     
སྐྱེ་བོ་ཕོ་མོ་སུ་འདྲ་ཞིག་གིས་རང་ཉིད་ཀྱིས་ཡིད་ཆེས་བྱེད་མི་རུང་བ་དང་གོ་ཆོད་མེད་པའི་མངའ་སྡེའི་སྤྱི་ཁབ་ལྷན་ཁང་གི་སྤྲད་པའི་ཆོག་མཆན་འཛིན་མཁན་གྱིས་མགོ་བསྐོར་བཏང་
ཡོད་པ་ཤེས་ན། ཡང་ན། མི་ཞིག་གམ་ཚོང་ལས་ཁང་གི་ཚུལ་མིན་གྱི་བྱ་ཐབས་ལྷན་ཁང་གི་སྟངས་འཛིན་འོག་ཡོད་པའི་འཚོ་ཐབས་ནང་བེད་སྤྱོད་བྱས་ཡོད་ན། གང་ཟག་དེས་ལྷན་
ཁང་ལ་ཞུ་གཏུགས་བྱས་ན་འགྲིག། ཞུ་གཏུགས་ཀྱི་འགེངས་འོག་ལྷན་ཁང་ལ་འབྲེལ་བ་བྱས་ནས་ཐོབ་སྲིད།

ཞུ་གཏུགས་ཀྱི་སྙན་ཞུ་འབྱོར་བའི་རྗེས་ལྷན་ཁང་གིས་བསྐྱར་ཞིབ་བྱས་ནས་ཞུ་གཏུགས་གང་བྱས་པ་ལྷན་ཁང་གི་ཁྲིམས་ཀྱི་དབང་འཛིན་འོག་ཡོད་མེད་བརྟག་དཔྱད་བྱས་པ་དང་།  ཁྲིམས་འགལ་དང་ཚུལ་མིན་གྱི་ཐབས་ལམ་ལ་ཉེས་འཛུགས་བྱེད་ཀྱི་རེད།

གལ་སྲིད་ཞུ་གཏུགས་ཀྱི་སྙན་ཞུ་ཉིད་མངའ་སྡེའི་སྤྱི་ཁབ་ལྷན་ཁང་གི་དབང་འཛིན་འོག་ཡོད་པ་ཆ་བཞག་ནས་ཚུལ་མིན་གྱི་ཐབས་ལམ་ལ་ཉེས་འཛུགས་བྱས་ན་ཞུ་གཏུགས་ཀྱི་འདྲ་བཤུས་ཆོག་མཆན་ལག་འཁྱེར་འཛིན་མཁན་ལ་བསྐུར་བ་དང་། ལག་འཁྱེར་འཛིན་མཁན་གྱི་ངོས་ནས་ལན་འདེབས་བྱེད་དགོས་པའི་བཀོད་ཁྱབ་གཏོང་གི་རེད། རྒྱུན་དུ་ཆོག་མཆན་འཛིན་
མཁན་གྱི་ངོས་ནས་སྐྱོན་ཞིག་ཡོད་པ་ཤེས་ཀྱི་མེད་ལ་སྐྱོན་དེ་རིགས་ལ་ཁོ་ཚོའི་དོ་སྣང་བྱུང་ཚེ་མགྱོགས་མྱུར་གཞུང་འབྲེལ་མེད་པའི་ཐོག་ནས་སེལ་ཐུབ་ཀྱི་ཡོད། ཞུ་གཏུགས་འགའ་
ཤས། དཔེར་ན་ཆོག་མཆན་མེད་པའི་བྱ་སྤྱོད་སྤེལ་མཁན་ལ་ཞུ་གཏུགས་བྱས་ཡོད་ན་ཞུ་གཏུགས་ཀྱི་འདྲ་བཤུས་སྤྲད་ཀྱི་མེད། དེ་ལྟར་བྱེད་དགོས་དོན་ནི་བརྟག་དཔྱད་ཚག་ཚུད་པོ་
ཡོང་བའི་ཆེད་དུ་ཡིན།


རྟོག་ཞིབ།
གལ་སྲིད་ཆོག་མཆན་འཛིན་མཁན་ཞིག་གིས་ཉེས་འཛུགས་ལ་ལན་འདེབས་བྱས་མེད་པའམ་གྲོས་ཆོད་ཞིག་སྐབས་ཐོག་ཏུ་མེད་ཚེ།ཞུ་གཏུགས་གང་བྱས་པ་མངའ་སྡེའི་སྤྱི་ཁབ་ལྷན་
ཁང་གི་རྟོག་ཞིབ་པར་རྩིས་སྤྲོད་བྱས་ནས་དཔང་མི་ངོས་ནས་འབྲེལ་ཡོད་ཐོག་གང་བཤད་པ་དང་ཡིག་ཆ་གང་ཡོད་པ་བསྡུ་ལེན་བྱེད་པ་དང་། རྟོག་ཞིབ་བྱས་རྗེས་གནད་དོན་དེ་གཞུང་
འབྲེལ་མེད་པའི་ཐོག་ནས་སེལ་ཐུབ་མིན་དང་། ཁུངས་མིན་ཡིན་ཚེ་ཕྱིར་སློག་བྱེད་པ། ཡང་ན་འཛིན་སྐྱོང་གི་ངོས་ནས་ཁ་སྣོན་གྱི་ལས་ཀ་བྱེད་དགོས་མིན་ཐག་གཅོད་ཀྱི་རེད།

གལ་སྲིད་ཞུ་གཏུགས་ཀྱི་གནད་དོན་སེལ་ཐུབ་མེད་ན་ཁ་སྣོན་གང་བྱེད་དགོས་མིན་ཐབས་ལམ་ཁག་ལ་རྩིས་སྤྲོད་བྱེད་ཀྱི་རེད།གལ་སྲིད་ཉེས་འཛུགས་བྱས་པ་དེ་གནད་དོན་ཆུང་ཆུང་
ཞིག་ཡིན་ཚེ་དེ་“འཛིན་ཤོག་བརྩི་མེད་”བྱས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་རེད།གནད་དོན་གང་འཛིན་ཤོག་བརྩི་མེད་ལ་ངོས་འཛིན་བྱས་ཡོད་ན་དེ་ནི་སྤྱིར་བཏང་ཕྱི་སྲིད་ལས་ཁུངས་
ཀྱི་སྒྲིག་གཞི་འགལ་བ་དང་འབྲེལ་བ་ཡོད་པ་དང་དེ་རིགས་དངུལ་གྱི་ཆད་པ་སྤྲད་ནས་སེལ་ཐུབ། གལ་སྲིད་ཞུ་གཏུགས་ཀྱི་ཉེས་འཛུགས་དང་བརྟག་དཔྱད་བྱས་པ་བརྒྱུད་ནས་ཆོག་
མཆན་མེད་པའི་ཚོང་གི་ལས་ཀ་བྱས་ཡོད་པ་ཤེས་ཚེ། གནད་དོན་དེ་ཁྲིམས་དོན་སྤྱི་ཁྱབ་པར་སྤྱི་དམངས་ཡང་ན་ཁྲིམས་འགལ་ཁྲིམས་གཏུགས་མིང་ཐོག་ནས་རྩིས་སྤྲོད་བྱེད་སྲིད།  གལ་སྲིད་ཞུ་གཏུགས་ནང་ཆོག་མཆན་འཛིན་མཁན་ཞིག་ཚུད་ཡོད་པ་དང་བཅས་ཁྲིམས་དང་སྒྲིག་གཞི་ལས་ཚབས་ཆེན་འགལ་བའམ། ཡང་ན་ཚོང་ཤག་ལ་མ་དངུལ་གྱི་གྱོན་གུན་
ཕོགས་ཡོད་ན། ཉེས་འཛུགས་དེ་རིགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁ་མཆུའི་སྡེ་ཚན་ལ་གྲོས་ཆོད་ཡོང་བའི་ཆེད་རྩིས་སྤྲོད་བྱེད་ཀྱི་རེད།


ཉན་འཇོག་དང་ཐག་གཅོད།
ཁ་མཆུ་སྡེ་ཚན་ལ་རྩིས་སྤྲོད་བྱས་ཚེ་ཞུ་གཏུགས་ཀྱི་གནད་དོན་དེ་ལྷན་ཁང་དང་ལན་འདེབས་བྱེད་མཁན་དབར་ཡིག་ཐོག་མོས་མཐུན་བརྒྱུད་ནས་སེལ་ཐུབ་སྲིད། མོས་མཐུན་བཀའ་
ཡིག་གི་ཆོག་མཆན་ལག་འཁྱེར་གནས་སྐབས་རིང་བེད་མེད་བཟོས་པའམ་ཕྱིར་བསྡུ་བྱེད་དགོས་མིན། ཆད་པ་སྤྲོད་པའམ་ཡང་ན་ཚོང་ཤག་ལ་གུན་གསབ་སྤྲོད་དགོས་མིན་གསལ་
གྱི་རེད། གལ་སྲིད་གནད་དོན་དེ་མོས་མཐུན་བཀའ་ཡིག་ཐོག་ནས་སེལ་ཐུབ་མེད་པའམ། ཡང་ན་ཁྲིམས་འགལ་གྱི་བྱ་བ་ཚབས་ཆེན་དང་འབྲེལ་ཡོད་ན། མངའ་སྡེའི་སྤྱི་ཁབ་ལྷན་ཁང་
གི་སྐྱོན་འཛུགས་གྲ་སྒྲིག་བྱས་ནས་ཉན་འཇོག་གི་དུས་ཚོད་ཞིག་གཏན་འབེབས་བྱེད་ཀྱི་རེད།

ཉན་འཇོག་སྐབས་ཁྲིམས་དང་བདེན་དཔང་གང་ཡོད་གཞིར་བཟུང་ཐག་གཅོད་གང་བྱེད་དགོས་མིན་དབང་ཚད་ཡོད་པའི་འཛིན་སྐྱོང་ཁྲིམས་ཀྱི་ཁྲིམས་དཔོན་ཞིག་གིས་གཙོ་སྐྱོང་བྱེད་ཀྱི་རེད།ཉན་འཇོག་བརྒྱུད་ཉེས་འཛུགས་བརྩི་མེད་བཏང་བའམ། ཆོག་མཆན་ལག་འཁྱེར་གནས་སྐབས་རིང་བེད་མེད་བཟོས་པའམ་ཕྱིར་བསྡུ་བྱེད་པ།ཆད་པ་སྤྲོད་པའམ་ཡང་ན་གྱོན་གུན་
ཕོགས་ཡུལ་ལ་གུན་གསབ་སྤྲོད་དགོས་མིན་ཐག་གཅོད་བྱེད་ཀྱི་རེད།

འཛིན་སྐྱོང་ཁྲིམས་ཀྱི་ཁྲིམས་དཔོན་གྱི་ཐག་གཅོད་བྱུང་རྗེས་ཕྱི་སྲིད་ལྷན་ཁང་ཡང་ན་ཆོག་མཆན་ལག་འཛིན་ཡོད་མཁན་གྱིས་འཛིན་སྐྱོང་ཁྲིམས་ཀྱི་ཁྲིམས་དཔོན་གྱིས་ཐག་གཅོད་གང་བྱས་པ་རྒྱལ་དོན་དྲུང་ཆེར་ཐད་ཀར་སྙན་ཞུ་འབུལ་ཆོག སྙན་ཞུ་དེ་རིགས་སྙན་ཞུ་འབུལ་མཁན་གྱི་ངོས་ནས་ཐག་གཅོད་བྱས་པའི་ཉིན་༣༠ནང་ཚུད་འབུལ་དགོས།

རྒྱལ་དོན་དྲུང་ཆེས་སྙན་ཞུ་འབྱོར་རྗེས་ཟིན་ཐོའི་ཡིག་ཆ་ཚང་མ་ལ་དཔྱད་ཞིབ་བྱས་ཏེ་ཐག་གཅོད་ལ་རྒྱབ་སྐྱོར་བྱས་ནས་ཡིག་ཐོག་ཏུ་བཀོད་པ་དང་། ཡང་ན། གནད་དོན་དེ་འཛིན་
སྐྱོང་ཁྲིམས་ཀྱི་ཁྲིམས་དཔོན་ལ་ཕྱིར་སྤྲོད་བྱས་ནས་བསྐྱར་ཞིབ་ཡོང་བ་བྱེད་ཀྱི་རེད། རྒྱལ་དོན་དྲུང་ཆེས་སྙན་ཞུ་ལ་ཐག་གཅོད་བྱས་པའི་རྗེས་ལ་ཆོག་མཆན་ལག་འཛིན་ཡོད་མཁན་
གྱིས་ཁྲིམས་ཐོག་གི་བསྐྱར་ཞིབ་ཡོང་ཆེད་ནིའུ་ཡོག་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་ལ་ནིའུ་ཡོག་སྤྱི་འབངས་ཀྱི་ཁྲིམས་དང་སྒྲིག་གཞིའི་དོན་ཚན་༧༨ནང་དོན་གཞིར་བཟུང་སྙན་ཞུ་
འབུལ་ན་འགྲིག་གི་ཡོད།

འཛིན་སྐྱོང་ཁྲིམས་ཀྱི་ཁྲིམས་དཔོན་གྱིས་ཐག་གཅོད་གང་བྱས་པ་ལ་སྤྱི་འབངས་ཀྱི་ཁྲིམས་ཁང་ནང་ཁྲིམས་གཏུགས་མ་བྱས་གོང་ཆོག་མཆན་ལག་འཛིན་ཡོད་མཁན་ངོས་ནས་འཛིན་སྐྱོང་སྙན་ཞུ་རྒྱལ་དོན་དྲུང་ཆེར་འབུལ་ཕྱིར་རང་གི་ཐོབ་ཐང་བེད་སྤྱོད་བྱེད་རྒྱུ་དེ་གལ་ཆེན་པོ་རེད།རྒྱལ་དོན་དྲུང་ཆེར་སྙན་འབུལ་མ་བྱས་ན་ཆོག་མཆན་ལག་འཁྱེར་འཛིན་མཁན་ནམ་ སྙན་ཞུ་འབུལ་མཁན་གྱིས་འཛིན་སྐྱོང་གི་ཐབས་ལམ་གཞན་ཚང་མ་བེད་སྤྱོད་བཏང་མེད་པའི་ཉེས་འཛུགས་འོག་སྤྱི་འབངས་ཁྲིམས་གཏུགས་བྱེད་མི་ཆོག་པ་ཡོང་སྲིད། ུ་གཏུགས་གྲོས་ཆོད་ཀྱི་བརྒྱུད་རིམ་ནང་ཆོག་མཆན་ལག་འཁྱེར་འཛིན་མཁན་དང་ཞུ་གཏུགས་བྱེད་མཁན་ཕྱོགས་གཉིས་ཀའི་ངོས་ནས་མངའ་སྡེའི་སྤྱི་ཁྱབ་ལྷན་ཁང་ལ་བློ་བདེའི་ངང་ནས་ཞུ་གཏུགས་ཀྱི་སྐོར་གྱི་གནས་བབས། ཡང་ན་གཞུང་འབྲེལ་མེད་པའི་ཐོག་ནས་གྲོས་ཆོད་ཡོང་བའི་ཆེད་འབྲེལ་གཏུགས་བྱས་ན་འགྲིག།།།